གསར་འགྱུར།

མཆོད་འབུལ་གསལ་བསྒྲགས།

༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་རྟག་བརྟན་གཡོ་བ་མེད་པར་བསྐལ་བརྒྱར་བཞུགས་པ་དང་། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་དེ་མྱུར་དུ་ཞི་བ་སོགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ནས་གོ་སྒྲིག་ཞུ་གཏན་འཁེལ།

གནས་དབུས་གཙང་རྒྱུན་ལས་སྐབས་ ༡༠ དང་ ༡༡ བར་རྩིས་སྤྲོད་རྩིས་ལེན་ཟིན་པ།

ཕྱི་ལོ་ ༢༠༢༡ ཟླ་ ༤ པའི་ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༡༣།༣༠ སྟེང་རི་ཀོན་བོད་རིགས་མི་མང་གི་ཚོགས་ཁང་དུ་སུད་སི་དང་ལིག་ཏེན་སིཌཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་སྐབས་ ༡༠ དང་ ༡༡ པའི་ཚོགས་གཙོ་སྦྲེལ་པོས་དབུས་པའི་རྒྱུན་ལས་གསར་རྙིང་རྣམ་པ་ལྷན་འཛོམས་ཐོག་རྩིས་སྤྲོད་རྩིས་ལེན་གཙང་མ་ཟིན་པའི་ཉིན་ཐོ།

རྒྱུན་ལས་གསར་འདེམས་ཀྱི་འོས་བསྡུ་གནང་།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་གསར་འདེམས་ཀྱི་འོས་བསྡུ་འོས་བསྡུ་ཚོགས་ཆུང་ནས་འགན་ཁུར་གཙོ་སྐྱོང་ཐོག་དེ་རིང་ཉིན་རྒྱབ་ཚོུད་༡༣།༣༠ ནས་ ༡༥།༣༠ བར་དབུ་འཛུགས་ཞུས་ཟིན། ས་གནས་རི་ཀོན་ཉེ་འཁོར་རུ་བཞུགས་མཁན་འགའ་ཤས་ཚོགས་ཆུང་གི་ཚོགས་ཁང་ནང་དུ་ཐད་ཀར་འོས་ཤོག་འཕེན་པར་ཕེབས་བཞིན་འདུག ཡིན་ཀྱང་མང་ཆེ་བས་ WhatsApp ཐོག་ནས་འོས་འཕེན་བཞིན་པ་རེད་འདུག ས་གནས་དབུས་གཙང་མི་མང་གང་མང་ནས་ཆ་ཤས་ལེན་གནང་ཡོད་པ་ཞུ།

བློ་ཕམ་དང་ཡིད་སྐྱོའི་གནས་ཚུལ།

དེ་རིང་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱལ་གཅེས་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་གྱི་མི་སྣ་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་མཆོག་བཞུགས་གནས་སུད་སི་ཛུ་རིག་རྒན་གསོ་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་བློ་ཕམ་ཚད་མེད་དང་བཅས་མྱ་ངན་གུས་འདུད་ཞུ།

མཆོད་འབུལ་སྨོན་ལམ།

འཇིག་རྟེན་ཁྱོན་ནང་ནད་མུག་འཁྲུག་རྩོད་སོགས་ཞི་ཞིང་། ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་པ་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་།

དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་དབུ་འབྱེད།

༄༅།། ༢༠༢༠ ཕྱི་ཟླ་ ༣ ཚེས་ ༣ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཙང་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་རྡ་སའི་ནོར་བུ་གསོལ་མགྲོན་ཁང་དུ་དབུས་གཙང་ལོ་རྒྱུས་ཆེན་མོའི་ཕྱག་དེབ་དབུ་འབྱེད་མཛད་སྒོར་ཕྱག་དེབ་དབུ་འབྱེད་དང་།