སྲི་ཞུའི་ཞལ་འདེབས་ཐོ་འགོད།

སུད་སི་དང་ལིག་ཏེན་སེཊཡན་ས་གནས་དབུས་གཙང་ཆོལ་ཁའི་སྒྲིག་གཞི་དོན་ཚན་བཅུ་གཅིག་པའི་ནང་གསེས་ག་པར། རང་ལོ་བཅོ་བརྒྱད་སོན་པ་ཡན་ནས་སྲི་ཞུའི་ཞལ་འདེབས་ཆེད་ལོ་རེར་སུད་སྒོར་ ༢༥ (25 CHF) རེ་འབུལ་རྒྱུ་ཞེས་གསལ་བ་ལྟར། ཚང་མས་དེ་ལྟར་དགོངས་བཞེས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཡོང་བ་ཞུ།

སྲི་ཞུའི་ཞལ་འདེབས་ནི་ས་གནས་དབུས་གཙང་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་ཡོངས་ཁུངས་ཙམ་མ་ཡིན་པར། ཆོལ་ཁོངས་མི་མང་གིས་ས་གནས་དབུས་གཙང་སྒྲིག་འཛུགས་ལ་རྒྱབ་སྐྱོར་གྱི་མཚོན་རྟགས་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། ཆོལ་ཁོངས་མི་མང་ནས་ལོ་ལྟར་སྲི་ཞུའི་ཞལ་འདེབས་སུད་སྒོར་ ༢༥ འབུལ་བཞིན་ཡོད་པ་དང། ཞལ་འདེབས་དངུལ་བྱུང་བར་བརྟེན་ནས་ད་བར་བོད་བསྟན་སྲིད་མི་རིགས་ལ་སྨན་པའི་ལས་རིམ་སྣ་མང་ཞིག་རྒྱུན་སྐྱོང་ཐུབ་པ་བྱུང་ཡོད་པས། ཚང་མས་མ་སྐུལ་དང་བླང་གིས་ཞལ་འདེབས་དངུལ་དེ་ལོ་ལྟར་དུས་ཐོག་ལ་འབུལ་གནང་ཡོང་བའི་འབོད་བསྐུལ་ཞུ། ཆོལ་ཁོངས་སྐྱ་སེར་ཕོ་མོ་སུ་འདྲ་ཞིག་སྲི་ཞུའི་ཞལ་འདེབས་གསར་དུ་འབུལ་བློ་ཡོད་ཚེ། ངེས་པར་དུ་གཤམ་འོག་གི་ཐོ་འགོད་ཁ་སྐོང་གནང་རོགས།

ས་གནས་ཀྱི་ལས་དོན་ཁག་ལ་ཕྱར་བ་གྲུ་འདེགས་ཀྱིས་ནུས་སྟོབས་གོང་སྤེལ་ཡོང་ཐབས་བྱ་རྒྱུ་དེ་སྐབས་བབ་ང་ཚོ་མི་རབས་འདིའི་འགན་འཁྲིད་ཞིག་ཏུ་གྱུར་ཡོད།

སྲི་ཞུའི་ཞལ་འདེབས་གསར་དུ་འབུལ་བློ་ཡོད་པའི་ཐོ་འགོད།

3 དང་ 7 སྡོམས་རོགས།