གསར་འགྱུར།

བོད་ནང་ས་ཡོམ་གྱི་གོད་ཆགས་ཤུགས་ཆེན་བྱུང་བར་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་སྣེ་འཁྲིད་འོག་ཚོགས་པ་སྐྱིད་སྡུག་ཁག་ལྔ་ནས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།

༄༅། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་ཞོགས་པ་བོད་ནང་ཆུ་ཚོད་དགུ་པ་གཡས་གཡོན་ཞིག་ལ་བོད་གཙང་སྟོད་ཁུལ་ཏེ་དིང་རི་རྫོང། ལྷ་རྩེ་རྫོང། ངམ་རིང་རྫོང། ས་སྐྱ་རྫོང། གཏིང་སྐྱེས་རྫོང། བཅས་སུ་འཇིགས་སུ་རུང་བའི་རང་བྱུང་ས་གཡོའི་གོད་ཆགས་ཀྱི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།

ཛ་དྲག་གི་གསལ་བསྒྲགས།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་གཙང་སྡོད་ཁུལ་དུ་འཇིགས་སུ་རུང་བའི་ས་ཡོམ་ཚབས་ཆེན་ཞིག་བརྒྱབ་ནས་རང་བྱུང་གོད་ཆགས་ཀྱི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད།

བསྔོ་སྨོན་གང་མང་གནང་སྐྱོང་ཡོང་བ་ཞུ།

༄༅། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ བོད་ནང་ཞོགས་པ་ཕྱག་ཚོད་དགུ་པ་གཡས་ཡོན་ཞིག་ནང་ཡིད་སྐྱོའི་གནས་ཚུལ་ཐོན་པར་རང་ཡུལ་གཙང་སྟོད་ཁུལ་གྱི་ས་ཁུལ་འགའ་ལ་ས་ཡོམ་ཤུགས་ཆེན་བརྒྱབ་སྟེ་མི་ཕྱུགས་གཉིས་ལ་རྐྱེན་འདས་དང། རྨས་སྐྱོན་ཕོགས་པ།

དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་འཚམས་གཟིགས་སུད་སིར་ཕེབས།

༄༅། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་སྤྱི་འཐུས་ལས་ཐོག་སྐུ་ངོ་ཟླ་བ་ཚེ་རིང་ལགས་དང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དབུས་རྒྱུན་གུང་པ་པ་སངས་ལགས། དབུས་རྒྱུན་བསྟན་འཛིན་སྒྲོལ་མ་ལགས་བཅས་གསུམ་ཡོ་རོབ་རྒྱལ་ཁབ་གསུམ་ལ་འཚམས་གཟིགས་ཀྱིས་སྤྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༣༠ ཉིན་སུད་སི་འཛུ་རིག་གནམ་ཐང་དུ་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ནས་གཙོས་ས་གནས་རྒྱུན་ལས་ལས་ཐོག་དང་ཚོགས་ཟུར། རྒྱུན་ལས་ཟུར་པ་ཁག་གཅིག་བཅས་ནས་ཕེབས་བསུར་བཅར།  

བོད་མི་མང་སྤྱི་འཐུས་སྐུ་ངོ་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་དང་སྐུ་ངོ་བསྟན་འཛིན་ཆོས་འཛིན་ལགས་སུ་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་དང་ཁྱབ་ཁོངས་སྐྱིད་སྡུག་ཁག་ཅིག་ནས་མཇལ་འཕྲད་ཞུས།

༄༅།   ། སྤྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༣ ཉིན་སུད་སི་དང་ལིག་ཏེན་སེཊཡན་སྐབས་བཅིུས་པའི་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཀྱི་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་སྐུ་ངོ་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་དང་སྤྱི་འཐུས་སྐུ་ངོ་བསྟན་འཛིན་ཆོས་འཛིན་མཆོག་གཉིས་ཡོ་རོབ་སུད་སི་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་གསོལ་སྟོན་སྟབས་བདེ་ཞིག་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཀྱི་འཚམས་འདྲི་ཞུ་རྒྱུ་དང།

དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུས་ལ་སྙན་ཞུ།

འདི་ག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་གཙོས་ཆོལ་ཁོངས་དབུས་གཙང་མི་མང་ཚང་མའི་ལག་གཉིས་ཐེལ་མོ་སྙིང་ཁར་སྦྱར་ཏེ་གསོལ་འདེབས་ཞུ་དོན། ཁ་སྔོན་སྤྱི་ཚོགས་དྲྭ་ལམ་ནང་ཡོངས་ཁྱབ་འགྲོ་མུས་ཡིན་པའི་གང་ཟག་གནས་ཡུལ་ཨོ་སོ་ཊོ་ལི་ཡ།