གསར་འགྱུར།

ཕྱི་ལོ་༢༠༢༣ ཟླ་ ༠༦ ཚེས་ ༣༠ ནས་ཉིན་གྲངས་གསུམ་རིང་། སུད་སི་གྲོང་ཁྱེར་ཝིན་ཊར་ཐུང་ནང་Albanifest ཞེས་ལོ་ལྟར་ཚོང་དུས་ཆེན་པོ་ཞིག་ཚུགས་བཞིན་པར།

ཕྱི་ལོ་༢༠༢༣ ཟླ་ ༠༦ ཚེས་ ༣༠ ནས་ཉིན་གྲངས་གསུམ་རིང་། སུད་སི་གྲོང་ཁྱེར་ཝིན་ཊར་ཐུང་ནང་Albanifest ཞེས་ལོ་ལྟར་ཚོང་དུས་ཆེན་པོ་ཞིག་ཚུགས་བཞིན་པར།  འདི་ལོར་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་དཔའ་འབྱོར་འདུ་འགོད་ཆེད་ཚོང་དུས་དེར་མཉམ་ཞུགས་ཀྱིས་མོ་མོག་བཙོངས་པའི་བརྙན་པར་ཁག

སུད་སི་སྟོད་པའི་སྐྱིད་སྡུག་གི་དབྱར་སྐྱིད།

༄༄།། ཕྱི་ལོ་ ༢༠༢༣།༠༥།༢༨ ཉིན་སཱམས་ཏ་གན་དུ་ སུད་སི་སྟོད་པའི་སྐྱིད་སྡུག་གི་དབྱར་སྐྱིད་སྐབས་ཚོགས་གཙོ་མཆོག་དང་རྒྱུན་ལས་རྣམས་ནས་མགྲོན་འབོད་གནང་བ་བཞིན་ཚོགས་བཅར་ཞུས།  ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎཌལ་འདེགས་འབུལ་དང་མཇལ་དར་ཕུལ།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་བསྟན་སྲིད་ཞབས་རིམ་སྨིན་སྒྲུབ་ཞུས་པ།

༄།། དེ་རིང་སྟེ་ཕྱི་ལོ་ ༢༠༢༣-༥-༤ བོད་ཟླ་གསུམ་པའི་ཉེར་ལྔའི་ཚེས་བཟང་དང་སྟབས་བསྟུན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་གོ་སྒྲིག་འོག་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ཞོགས་པ་ཚོུད་༩:༣༠ ནས་ཚོུད་ ༡༢ བར་ས་གནས་ཆོལ་གསུམ་མི་མང་མཉམ་ཞུགས་ཀྱིས་བོད་བསྟན་སྲིད་སྤྱི་དང་།

སུད་སི་ཀོང་པོའི་རིག་གཞུང་སྐྱིད་སྡུག་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ ༣༠ འཁོར་བའི་དུས་ཆེན།

ཕྱི་ལོ་༢༠༢༢  ཟླ་བ་  ༡༡  ཚེས་  ༢༦  ཉིན་ས་གནས་སམ་སྟ་གྷེན་དུ་སུད་སི་ཀོང་པོའི་རིག་གཞུང་སྐྱིད་སྡུག་ཚོགས་པ་དབུ་བརྙེས་ཏེ་མི་ལོ་  ༣༠  འཁོར་བའི་དུས་དྲན་དང་ཀོང་པོའི་ལོ་གསར་སྲུང་རྩིའི

ཕྱི་ལོ་ ༢༠༢༢ སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་ འཛོམས་ཆེན་པོ་དེ་འཚོགས་ཡོད། དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༡༤།༠༠ སྟེང་མི་མང་རྣམས་ཚོགས་ཁང་དུ་འཛོམས་ འགོ་ཚུགས། དེ་ནས་གདན་ཞུས་སྐུ་མགྲོན་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་ རིན་པོ་ཆེ་བཞུགས་འཁྲིའི་སྟེང་གདན་ཞུ་གྲུབ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ཆེ་མཆོག་དང་ས་གནས་ དབུས་གཙང་ཆོལ་ཁའི་ཚོགས་གཙོ་རྣམ་གཉིས་ཀྱིས་མནྜལ་འདེགས་འབུལ་ཞུས་མཚམས།

གྲོང་ཁྱེར་ཝིན་ཊར་ཐུར་ནང་བོད་པའི་ཞལ་ལག་མོག་མོག་ཚོང་གཉེར་བྱས་པ།

༄། ། སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་དཔལ་འབྱོར་འདུ་འགོད་ཆེད། འདི་ལོའི་ ༢༠༢༢ སྤྱི་ཟླ་ ༠༦ ཚེས་ ༢༤ ནས་༢༦ བར་ཉིན་གསུམ་རིང་(Winterthur Albanifest)གྲོང་ཁྱེར་ཝིན་ཊར་ཐུར་ནང་བོད་པའི་དམིགས་གསལ་ཞལ་ལག་མོག་མོག་ཚོང་གཉེར་བྱས་པར་ཐོག་མའི་དམིགས་ཚད་ལས་ཚོང་ལེགས་པ་བྱུང་བ་དང་།