གསར་འགྱུར།

མི་མང་ལྷན་འཛོམས།

སྤྱི་ལོ་༢༠༡༩ ཟླ་ ༩ ཚེས་ ༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་གོ་སྒྲིག་འོག་ས་གནས་མི་མང་ལྷན་འཛོམས་གྱི་དུས་ཆེན་སྲུང་བརྩི་ཐེངས་ ༣༢ པ་རི་ཀོན་སློབ་གྲའི་ཚོགས་ཁང་ནང་སྐོང་ཚོགས་གནང་ཡོད་ཅིང་།

དཔལ་འབྱོར་འཚོལ་སྒྲུབ།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་མ་དངུལ་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ས་གནས་ཆོལ་ཁུངས་མི་མང་ནས་ཞལ་འདེབས་གནང་བའི་ཚོགས་དངུལ་དང། འདུ་འཛོམས་ཆེ་སར་འཐུང་ཇ་དང་ཟས་རིགས་འདྲ་མིན་བཙོངས་བའི་ཁེ་བབ་ལས་བྱུང་བ་ཞིག་ཡིན། ལོ་ལྟར་མཆོད་འབུལ་སྨོན་ལམ་དང་མི་མང་ཚོགས་འདུ་གོ་སྒྲིག ཚོགས་པའི་ལས་དོན་རྒྱ་སྐྱེད་གཏོང་རྒྱུ། ཚོགས་པར་མཁོ་བའི་ཡོ་བྱད་ཉོ་སྒྲུབ།