མཆོད་འབུལ་སྨོན་ལམ།

འཇིག་རྟེན་ཁྱོན་ནང་ནད་མུག་འཁྲུག་རྩོད་སོགས་ཞི་ཞིང་། ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་པ་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྐུ་ཕྱའི་ཞབས་རིམ། བོད་ཀྱི་བསྟན་སྲིད་དོན་དུ་བློས་གཏོང་གནང་བའི་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་མཆོད་འབུལ། བོད་དོན་བདེན་མཐའ་གསལ་བའི་ཆེད་ཞབས་རིམ་སྨིན་སྒྲུབ། འཇིག་རྟེན་ཞི་བདེ་ཡོང་བ་དང་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་གྲོལ་ནས་ཕྱི་ནང་གསང་གསུམ་གྱི་བགེགས་རྐྱེན་མ་ལུས་ཞི་བ། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བའི་ཆེད་སྤྱི་མཐུན་བསོད་ནམས་གསོག་སྒྲུབ་སླད་ཞབས་རིམ་སོགས་འདི་ག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁས་རི་ཀོན་ཆོས་འཁོར་དགོན་དུ་ལོ་ལྟར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་བཞིན་ཡོད།

ཕྱིར་ལོག