བློ་ཕམ་དང་ཡིད་སྐྱོའི་གནས་ཚུལ།

དེ་རིང་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱལ་གཅེས་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་གྱི་མི་སྣ་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་མཆོག་བཞུགས་གནས་སུད་སི་ཛུ་རིག་རྒན་གསོ་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་བློ་ཕམ་ཚད་མེད་དང་བཅས་མྱ་ངན་གུས་འདུད་ཞུ།

རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང།  མི་རིགས་རིང་ལུགས་པ་གྲགས་ཅན་གྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་མཆོག་སྤྱི་ལོ་  ༢༠༢༠  ཟླ་ ༡༠  ཚེས་  ༡༧  ཉིན་སུད་སི་རུ་དགོངས་པ་རྫོགས་པ་དང་།  དགོངས་པ་རྫོགས་སྐབས་དགུང་གྲངས་ ༩༣ ལ་ཕེབས་ཡོད།  ཁོང་ང་ཚོ་དང་དུས་གཏན་དུ་ཞལ་གྱེས་པར་ང་ཚོས་གདུང་ཤུགས་དྲག་པོས་མྱང་ངན་གྱི་གུས་འདུ་ཞུ་རྒྱུ་ཡིན།   སྟག་སྣ་འཇིགས་མེད་བཟང་པོ་མཆོག་ནི་སྤྱི་ལོ་  ༡༩༢༧ ལོར་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ཤུལ་རྫོང་དུ་སྐུ་འཁྲུངས་པ་དང།  སྤྱི་ལོ་  ༡༩༥༢  ལོར་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གནང་བ་དང།  སྤྱི་ལོ་  ༡༩༦༥ ལོར་བཙོན་དུ་ཚུད་ནས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་། དེ་རྗེས་སྤྱི་ལོ་  ༡༩༧༠  ལོར་སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་བཅུ་བཟོས་པ་དང།  སྤྱི་ལོ་  ༡༩༨༣  ལོར་ཡང་བསྐྱར་འཛིན་བཟུང་ཐེངས་གསུམ་པ་བྱས་ཏེ་དུས་བཀག་བཙོན་འཇུག་ལོ་ ༡༥ བཟོས།  སྤྱི་ལོ་ ༡༩༨༨  ལོར་བཙོན་ཁང་ནང་བོད་རང་བཙན་གྱི་སྐད་འབོད་བྱས་པའི་རྐྱེན་གྱིས་དུས་བཀག་ལོ་ ༥ སྤར།  སྤྱི་ལོ་ ༡༩༩༡ ལོར་སུད་སི་གཞུང་འབྲེལ་སྐུ་ཚབ་མི་སྣ་ལྷ་སའི་གྲྭ་བཞི་བཙོན་ཁང་ལ་གཟིགས་སྐོར་དུ་ཕེབས་སྐབས་སྐད་འབོད་གནང་བར་བརྟེན། དུས་བཀག་བཙོན་འཇུག་ལོ་ ༨ སྤར་བ་བཅས་ཁྱོན་མི་ལོ་ ༣༢ རྒྱའི་བཙོན་ཁང་ནང་སྡུག་སྦྱོང་སྣ་ཚོགས་མྱངས་པ་བཅས་བོད་ཀྱི་ཆབ་སྲིད་བཙོན་པའི་ནང་ལོ་ཚད་རིང་ཤོས་ཆགས་ཡོད།   རླབས་ཆེན་གྱི་རྒྱལ་གཅེས་པ་ཁོང་ང་ཚོ་དང་དུས་གཏན་དུ་ཞལ་གྲལ་ཡང་ཁོང་གི་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་ཀྱི་བསམ་བློ་དང་མི་རིགས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས་དག་ང་ཚོས་ནམ་ཡང་དྲན་གསོ་ཞུ།

ཕྱིར་ལོག