མཆོད་འབུལ་གསལ་བསྒྲགས།

༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་རྟག་བརྟན་གཡོ་བ་མེད་པར་བསྐལ་བརྒྱར་བཞུགས་པ་དང་། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་དེ་མྱུར་དུ་ཞི་བ་སོགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ནས་གོ་སྒྲིག་ཞུ་གཏན་འཁེལ།

ཟླ་དུས་ཚེས་གྲངས།

ཕྱི་ལོ་ ༢༠༢༡ ཟླ་བ་ ༦ པའི་ཚེས་ ༥ རེས་གཟའ་སྤེན་པ།
ཞོགས་པ་ཆུ་ཚོད་ ༠༩།༣༠ ནས་ ༡༢།༠༠ བར།
ས་གནས། རི་ཀོན་ཆོས་འཁོར་དགོན།

མཆོད་འབུལ་ཉིན་མོར། ཚང་མས་སུད་སི་གཞུང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྒྲིག་གཞི་དང་ལམ་སྟོན་ཁག་ངེས་པར་ཕྱག་བསྟར་ཡོང་བ་ཞུ།

ཕྱིར་ལོག