༄༅། །སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁ།

ཕྱི་ལོ་ ༢༠༢༦ ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན།

ཕྱི་ལོ་  ༢༠༢༦ ཟླ་ ༥ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༡༣།༣༠ ཐོག་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་སྐབས་བཅུ་གཉིས་པའི་ལོ་དུས་གཉིས་པའི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུས།

ཕྱི་ལོ་ ༢༠༢༦ ལོའི་བསྟན་སྲིད་ཞབས་རིམ༏

དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༧ པའི་གྲོས་ཆོད་ནང་འཁོད་ ‘‘ བོད་མི་ཡོངས་ཀྱི་༸མགོན་སྐྱབས་བླ་ན་མ་མཆིས་པའི་དབུ་འཁྲིད་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་༸སྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁས་༧སྐུའི་གོ་སྟོན་སྲུང་བརྩི།

སྤྱི་ལོ་ ༢༠༢༥ ཟླ་ ༨ ཚེས་༣༠ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཊེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་༧སྐུའི་གོ་སྟོན་དུས་ཆེན་་སྲུང་བརྩིའི་མཛད་སྒོ་གནང་

ས་གནས་དབུས་གཙང་ཆོལ་ཁའི་འབྱུང་རིམ།

ཕྱི་ལོ་ ༡༩༥༩ ལོར་རྒྱ་དམག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་ཆིག་འབུམ་ལྷག་རྒྱ་གར་དང་འབྲུག བལ་ཡུལ་སོགས་སུ་བཙན་བྱོལ་དུ་གྱར་དགོས་བྱུང་། དུས་ཡུན་ལོ་གྲངས་ཁ་ཤས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་དབུ་འཁྲིད་རྣམ་པས་སུད་སི་དབུས་གཞུང་དང་།

མུ་མཐུད།

ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་དང་ཚོགས་གཞོན།

ཚོགས་གཙོ།
ཕི་ར་ཝ་བཀྲ་ཤིས་དོན་གྲུབ།

ཚོགས་གཞོན།
རྔོད་ནང་བསྟན་འཛིན་དོན་གྲུབ་ལགས།