ས་གནས་དབུས་གཙང་ཆོལ་ཁ་ནས་རི་ཀོན་དུ་ཞབས་རིམ་གནང་རྒྱུའི་གསལ་བསྒྲགས།

མཚུངས་མེད་སུད་སི་དང་ལེག་ཊིན་སེཊཡན་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་མི་རྣམས་ལ།

ཆེད་འབུལ།

ལྷན་རྒྱས་ཚང་མའི་དགོངས་པར་མངའ་གསལ་བཞིན། ས་གནས་ཆོལ་ཁའི་སྐབས་བཅུ་གཅིག་པའི་རྒྱུན་ལས་ཡོངས་ནས་ཇི་ལྟར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱག་བྲིས་ཕེབས་དོན་ལྟར། ༢༠༢༣།༡༢།༢༣ རེས་གཟའ་སྤེན་པའི་སྔ་དྲོ་ཚོུད་ ༠༩།༣༠ ནས་ ཚོུད་ ༡༢ ཐོག་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་དུ་ཞབས་རིམ་རྣམས་གནང་རྒྱུ་གཏན་འཁེལ་ལགས་པས། ཆོལ་ཁོངས་མི་མང་རྣམས་ཕེབས་གནང་ཡོད་པ་ཐུགས་འཇགས་ཞུ། དེ་ཉིན་མགོན་པོ་གང་གི་བརྟན་བཞུགས་སླད་རང་རང་བློ་བཅད་ཀྱི་ཞལ་འདེབས་ཀྱང་བསྡུ་ཐབས་ཞུ་རྒྱུ་ཡིན་པ་ཐུགས་མངའ་ཞུ། རི་ཀོན་ཚོགས་ཆུང་གི་སྤྱི་ཁང་དུ་སྔར་རྒྱུན་ཞབས་རིམ་སྐབས་བཞིན་གསོལ་ཇ་དང་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་ཞུ་རྒྱུ་གཏན་འཁེལ་བས་མི་མང་རྣམས་ནས་དེ་ཉིན་ཚོགས་བཅར་གནང་རྒྱུ་དེ་སྤྱི་སྒེར་གཉིས་ཀར་གལ་ཆེ་དོན་ཆེན་ཡིན་པ་ཐུགས་ཆུབ་ཀྱིས་ངེས་འཛོམས་ཡོང་བ་ཞུ། ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་་ནས་ ༢༠༢༣།༡༢།༠༤ ལ་འཚམས་འདྲི་དུ་མང་གིས་ཕུལ།།

ཕྱིར་ལོག