༢༠༢༣།༡༢།༢༣ སི་དང་ལེག་ཊིན་སེཊཡན་ས་གནས་དབུས་གཙང་ཆོལ་ཁ་ནས་ཞབས་རིམ་གྲ་སྒྲིག་ཞུས།

ཁ་སང་ ༢༠༢༣།༡༢།༢༣ སྔ་དྲོ་ཚོུད་ ༠༩།༣༠ ནས་༡༢།༠༠ བར་སུད་སི་དང་ལེག་ཊིན་སེཊཡན་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བརྡ་སྐྱེལ་དགེ་ལེགས་ལགས་ནས་རྒྱུན་ལས་རྣམས་ཀྱི་ཚབ་ཞུས་ཏེ་ཚོགས་བཅར་བ་ཚང་མར་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་པ་དང་ལྷན་དབུས་ནས་བཀའ་བརྒྱ་ཕེབས་དོན་ལྟར་ཞབས་རིམ་གྲ་སྒྲིག་ཞུས་པའི་གསལ་བཤད་གནང་། དེ་ཉིན་རི་ཀོན་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་རྣམ་པ། སྐུ་ངོ་སྤྱི་ཟུར་རྣམ་པ་དང་མགོ་ལས་པ་གཞན། དེ་བཞིན་མི་མང་འདུ་འཛོམས་གནང་ཐུབ་མཁན་ཡོངས་ནས་བོད་བསྟན་སྲིད་མི་རིགས་འདས་གསོན་རྣམས་ཀྱི་སླད་འདི་ཕྱིའི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྒྱལ་བའི་ཞབས་བརྟན་དང་། སྤྱན་རས་གཟིགས་དང་སྒྲོལ་མའི་ཟུངས་སྔགས། གུ་རུ་དང་ཚེ་ལྷའི་ཟུངས་སྔགས། ཡན་ལག་བདུན་པ་དང་སྤྱོད་འཇུག་སྨོན་ལམ་སོགས་བསོགས་བསྒྲུབས་གནང་།

གསོལ་ཇ་དང་བཞེས་བག་གི་མཆོད་པ་ཕུལ་རྗེས་རི་ཀོན་མཁན་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་མཆོག་ནས་བླང་དོར་གྱི་བཀའ་སློབ་གཟབ་རྒྱས་གནང་། ཚོུད་༡༡།༠༠ བར་གསེང་སྐབས་མི་མང་རྣམས་ནས་གོ་སྟོན་བརྟན་བཞུགས་བསྟར་འབུལ་གྱི་ཞལ་འདེབས་ཕུལ་གནང་། བར་གསེང་རྗེས་མུ་མཐུད་ནས་ཞལ་འདོན་གནང་སྟེ་ཚོུད་ ༡༢།༠༠ ཐོག་མཁན་པོ་དགེ་འདུན་དང་མི་མང་རྣམས་ནས་སྡིག་སྦྱང་དང་ཚོགས་བསགས་སྨོན་ལམ་གྱི་ཞབས་བརྟན་འདུ་འཛོམས་བཀྲིས་ངང་འཇུག་སྒྲིལ་གནང་། དེ་ཉིན་གྱི་གསོལ་ཇ་བཞེས་བག་དང་ཉིན་གུང་གསོལ་ཚོགས་རྣམས་ཚོགས་གསག་སླད་མ་ཎི་ཚོགས་པ་དང་བརྡ་སྐྱེལ་ནང་མི་རྣམས་ནས་སྦྱིན་བདག་གནང་། ཉིན་གུང་གསོལ་ཚིགས་སྔོན་ལ་ཚོགས་གཞོན་བཀྲིས་ལགས་ནས་སང་ལོ་གོ་སྟོན་བརྟན་བཞུགས་སླད་ཞལ་འདེབས་ཕུལ་མཁན་རྣམས་ཀྱི་མཚན་སྙན་སྒྲོན་གནང་། དེ་བཞིན་ཁོང་ནས་དེ་རིང་གོ་སྐབས་བཞེས་མི་ཐུབ་མཁན་རྣམས་ནས་བརྟན་བཞུགས་བསྟར་འབུལ་གྱི་ཞལ་འདེབས་སླད་ཚོགས་གཙོ་ཚོགས་གཞོན་ལ་འབྲེལ་བ་གནང་རོགས་གནང་གསུངས་ཏེ་དཀར་སྐྱོང་གུང་ཚིགས་ལ་རོལ།།

ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་་ནས་ ༢༠༢༣།༡༢།༢༤ ་ལ་འཚམས་འདྲི་དུ་མང་གིས་ཕུལ།།

ཕྱིར་ལོག