སྤྱི་ལོ་༢༠༢༤ཟླ་བ་༦ཚེས་༢ རེས་གཟའ་ཉི་མ་ཉིན་སུད་སི་དང་ལེག་ཊིན་སེཊཡན་ས་གནས་དབུས་གཙང་ཆོལ་ཁ་ནས་ཞབས་རིམ་གྲ་སྒྲིག་ཞུས།
སུད་སི་དང་ལེག་ཊིན་སེཊཡན་ས་གནས་དབུས་གཙང་ཆོལ་ཁའི་སྐབས་བཅུ་གཉིས་པའི་རྒྱུུན་ལས་རྣམས་ཀྱི་ཚབ་ཞུས་ཏེ་ཚོགས་གཙོ་ཕི་ར་ལྦ་བཀྲིས་དོན་གྲུབ་ལགས་ཀྱིས་སྔ་དྲོ་ཚོུད་༩/༣༠ ནས་ ༡༢/༠༠ བར་ཞབས་རིམ་མཆོད་འབུལ་སྨོན་ལམ་དེའི་སྐབས་སུ་ཕེབས་མཁན་ཚང་མར་འཚམས་འདྲི་བཀྲིས་བདེ་ལེགས་ཞུས་པ་དང། དེ་ཉིན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་རྣམ་པ། སྐུ་ངོ་སྤྱི་ཟུར་རྣམ་པ་། བོད་རིགས་མི་མང་གི་ཚོགས་གཞོན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་སེར་སྐྱ་མི་མང་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱིས་བོད་བསྟན་སྲིད་མི་རིགས་འདས་གསོན་རྣམས་ཀྱི་ཆེད་དུ་འདི་ཕྱིའི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེ་བསྐྱལ་བརྒྱར་བརྟན་པའི་རྒྱལ་བའི་ཞབས་བརྟན་དང་། སྤྱན་རས་གཟིགས་དང་སྒྲོལ་མའི་ཟུངས་སྔགས། གུ་རུ་དང་ཚེ་ལྷའི་ཟུངས་སྔགས། ཡན་ལག་བདུན་པ་དང་སྤྱོད་འཇུག་སྨོན་ལམ་སོགས་བསོགས་བསྒྲུབས་གནང། གསོལ་ཇའིི་བར་གསེང་སྐབས་སུ་མཁན་རིན་པོ་མཆོག་གིས་དབུས་གཙང་མི་མང་ཚང་མར་བླང་དོར་བཀའ་སློབ་གཟབ་རྒྱས་གནང་བ་དང་དེ་ནས་མུ་མཐུད་དེ་ཞལ་འདོན་གནང་སྟེ་ཚོུད་ ༡༢/༠༠ ཐོག་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་མི་མང་རྣམས་ནས་སྔིག་སྦྱང་དང་ཚོགས་བསགས་སྨོན་ལམ་གྱི་ཞབས་བརྟན་འདུ་འཛོམས་བཀྲིས་ངང་མཇུག་སྒྲིལ་གནང།
ཉིན་གུང་གསོལ་ཚིགས་སྔོན་ལ་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ལགས་ཀྱིས་ཞབས་རིམ་སྨོན་ལམ་སྐབས་གསོལ་ཇའི་སྦྱིན་བདག་གནང་མཁན་རི་ཀོན་ཚོགས་ཆུང་གི་འཐུས་མི་གཉེར་པ་ནོར་བུ་ལགས་དང་མཆོད་འབུལ་ཞལ་འདེབས་གནང་མཁན་ལྷག་པར་དུ་ཉིན་གུང་གསོལ་ཚིགས་ཕྱག་རོགས་གནང་མཁན་ཐུར་གྷོའོ་ཚོགས་ཆུང་གི་འཐུས་ཟུར་ཟླ་བ་ཚེ་རིང་ལགས་དང་གཡང་འཛོམས་ལགས་རྣམ་པ་གཉིས་བཅས་གང་ལྟར་སྐབས་དེར་ཕྱག་རོགས་གནང་མཁན་ཡོངས་ལ་བཅོས་མིན་ཐུགས་རྗེ་ཆེ་ཞུས་ཏེ་དཀར་སྐྱོང་གསོལ་ཚིགས་ལ་རོལ།།
ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ནས་། ༢༠༢༤།༠༦།༠༤ ལ་དགེའོ།