སུད་སི་སྟོད་པའི་སྐྱིད་སྡུག་གི་དབྱར་སྐྱིད།

༄༄།། ཕྱི་ལོ་   ༢༠༢༣།༠༥།༢༨ ཉིན་སཱམས་ཏ་གན་དུ་ སུད་སི་སྟོད་པའི་སྐྱིད་སྡུག་གི་དབྱར་སྐྱིད་སྐབས་ཚོགས་གཙོ་མཆོག་དང་རྒྱུན་ལས་རྣམས་ནས་མགྲོན་འབོད་གནང་བ་བཞིན་ཚོགས་བཅར་ཞུས།  ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎཌལ་འདེགས་འབུལ་དང་མཇལ་དར་ཕུལ། དེ་ནས་ས་གནས་དབུས་གཙང་ཆོལ་ཁ་ལོ་ངོ་ ༣༦ རིང་ཚགས་ཚུད་དང་ཡག་པོ་ཡོད་པ་འདི་ནི་གཙོ་བོར་ཐོག་མར་ ༡༩༨༦ ཕྱི་ཟླ་ ༠༩ པའི་ནང་འགོ་འཛུགས་གནང་མཁན་ཞིང་བཤེགས་དམ་པ་ཚ་བ་ཇོ་ལགས་བཅས་ནས་ཐུགས་འགན་གཙོ་བོར་བཞེས་པ་ལས་བྱུང་བས།  ཁོང་རྣམས་ལ་གུས་བཏུད་དང་རྣམ་པ་ཚོའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བྱུང་བ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུས།  དེ་བཞིན་ཚོགས་གཙོ་གྱི་ན་བ་ནས་སྐབས་ ༡༧ པའི་སུད་སི་སྟོད་པ་སྐྱི་སྡུག་གི་ཚོགས་གཙོ་དབུས་པའི་རྒྱུན་ལས་ཡོངས་ལ་འཚམས་འདྲིའི་མཇལ་དར་དང་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་ཐང་ཀ་གཅིག་ཕུལ་བ་དང་ལྷན་ང་ཚོའི་གཞོན་སྐྱེས་རྣམས་ལ་འགྲེལ་བཤད་གང་མང་གནང་གལ་ཆེ་བའི་འབོད་སྐུལ་ཞུས།  མཐར་དབྱར་སྐྱིད་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས།

ཕྱིར་ལོག