སུད་སི་དང་ལིག་ཏེན་སེཊཡན་ས་གནས་དབུས་གཙང་ཆོལ་ཁའི་གཉེར་ཚང་གསར་སྤོས།

ད་རིང་ཚེས་ ༢༧ ཉིན་ཝིན་ཊར་ཐུར་དང་རི་ཀོན་གཡས་གཡོན་དུ་བཞུགས་པའི་རྒྱུན་ལས་རྣམ་པ་མཉམ་འཛོམས་ཀྱིས་གཉེར་ཚང་གསར་སྤོའི་གྲ་སྒྲིག་དང་། གཉེར་ཚང་རྙིང་པར་ཟླ་རེར་སུད་སྒོར་ ༡༢༥ རེད། ད་ལྟའི་གཉེར་ཚང་གསར་པའི་ཁང་གླ་ཟླ་རེར་སུད་སྒོར་ ༦༠ ལས་འཇལ་མི་དགོས་པ་མ་ཟད། ཁང་པའི་ཞེང་ཁ་ཆེ་བ། ཁང་གླ་ཁེ་བ། སྤུད་ཁ་དག་པ་འདུག་ན་གཉེར་ཚང་གསར་པར་སྤོས། གཉེར་ཚང་གསར་པའི་གྱང་གར་ཚོན་རྩི་གཏོང་དགོས་ཀྱི་འདུག་ན། བརྡ་སྐྱེལ་ལྷག་པ་ཚེ་རིང་ལགས་ཀྱིས་རིན་མེད་ཐོག་ཚོན་རྩི་བཏང་གནང་བར་རྒྱུན་ལས་ཚང་མས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་གཉེར་ཚང་གསར་སྤོས་ལེགས་གྲུབ་ཟིན།

ཕྱིར་ལོག