སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འདུ་འཛོམས།

༄། ། སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ལོ་ལྟར་དབུས་གཙང་མི་མང་ལྷན་འཛོམས་ཀྱི་དབྱར་སྐྱིད་ཤིག་བཏང་སྲོལ་ཡོད་ནའང་། འདི་ལོ་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་ས་གནས་ཡུལ་ཁྲིམས་ལ་བརྩི་སྲུང་དང་འབྲེལ་མི་མང་རྒྱས་འཛོམས་བྱེད་མ་ཐུབ་ཀྱང་། ༢༠༢༡ ཟླ་ ༠༩ ཚེས་ ༡༨ རེས་གཟའ་སྤེན་པའི་ཉིན་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་མཛད་སྒོ་སྟབས་བདེ་ཤིག་ཚོགས་ནས་སྐབས་གོང་མའི་རྒྱུན་ལས་ཟུར་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་མ་འོངས་པར་ལས་དོན་བྱེད་ཕྱོགས་ཐད་གྲོས་སྡུར་གནང་བ་དང་མི་མང་མཉམ་ཞུགས་གནང་མཁན་ཡང་མང་པོ་བྱུང་འདུག་པས་མཉམ་ཞུགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ།

དེ་ཡང་ད་རེས་གཙོ་བོ་རྒྱུན་ལས་སྐབས་བཅུ་གཅིག་པས། ས་གནས་དབུས་གཙང་ཟློས་གར་ཚོགས་པ་ཞིག་གསར་འཛུགས་བྱས་པར་བསྔགས་བརྗོད་གནང་མཁན་དང་འབྱུང་འགྱུར་རྒྱུན་གནས་ཡོང་ཐབས་སུ་ལམ་སྟོན་བཀའ་སློབ་གནང་མཁན་དང་ཟློས་གར་ཚོགས་པའི་འཁྲབ་ཆས་ཆེད་དུ་ཞལ་འདེབས་གནང་མཁན་ཧ་ཅང་མང་པོ་བྱུང་སོང་བས་ལྷག་བསམ་དང་གཏོང་ཕོད་ཅན་རྣམས་ལ་ངོས་རྒྱུན་ལས་ཡོངས་ནས་ས་གནས་དབུས་གཙང་མི་མང་གི་འཚབ་ཞུས་ནས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།

ཕྱིར་ལོག