སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་བསྟན་སྲིད་ཞབས་རིམ་སྨིན་སྒྲུབ་ཞུས་པ།

༄།། དེ་རིང་སྟེ་ཕྱི་ལོ་ ༢༠༢༣-༥-༤ བོད་ཟླ་གསུམ་པའི་ཉེར་ལྔའི་ཚེས་བཟང་དང་སྟབས་བསྟུན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་གོ་སྒྲིག་འོག་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ཞོགས་པ་ཚོུད་༩:༣༠ ནས་ཚོུད་ ༡༢ བར་ས་གནས་ཆོལ་གསུམ་མི་མང་མཉམ་ཞུགས་ཀྱིས་བོད་བསྟན་སྲིད་སྤྱི་དང་། ལྷག་པར་རང་ཅག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་བར་གྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཞབས་རིམ་སྨིན་སྒྲུབ་ཞུས་པ་དང་།  དགེ་འདུན་རྣམས་ལ་སྐུ་འགྱེད་དང་། མི་མང་ལ་ཞོགས་པ་གསོལ་ཇ་བཞེས་བག་དང་ཉིན་གུན་ཞལ་ལག་དཀར་སྐྱོང་ཕུལ་ནས་དགེ་བ་ལེགས་པར་བསྒྲུབས་རྗེས་ཉིན་རྒྱབ་ས་གནས་དབུས་གཙང་མི་མང་ལ་རྒྱུན་ལས་སྐབས་བཅུ་གཅིག་པའི་ལོ་འཁོར་རྩིས་ཁྲ་སྙན་སྒྲོན་ཞུས།

ཕྱིར་ལོག