སུད་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ཕྱི་ལོ་ ༢༠༢༢ ་བྱེད་སྒོ་ཁག་དུས་ཚེས་གཏན་འཁེལ།
༄། ། སུད་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ལོ་རེའི་གལ་ཆེའི་བྱེད་སྒོ་ཁག་དུས་ཚེས་གཏན་འཁེལ་ཟིན་པ་རྣམས་ལ་ཐུགས་སྣང་ཡོང་བ་ཞུ།
༡༽ རི་ཀོན་ཆོས་འཁོར་དགོན་དུ་བོད་བསྟན་སྲིད་དང་༧རྒྱལ་བའི་སྐུ་ཆའི་ཞབས་རིམ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་རྒྱུ།
༢༠༢༢ སྤྱི་ཟླ་ ༠༥ ཚེས་ ༠༡ ཉིན།
༢༽ ཝིན་ཊར་ཐུར་གྲོང་ཁྱེར་ནང་(Winterthur Albanifest) དུས་ཆེན་སྐབས་དཔལ་འབྱོར་འདུ་འགོད་ཆེད་ཉིན་གསུམ་རིང་མོག་མོག་ཚོང་གཉེེར་བྱེད་རྒྱུ།
༢༠༢༢ སྤྱི་ཟླ་ ༠༦ ཚེས་ ༢༤ ནས་ ༢༦ བར།
༣༽ རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་དབུས་གཙང་མི་མང་ལྷན་འཛོམས་ཀྱི་དབྱར་སྐྱིད་དུས་ཆེན་དང་ས་གནས་དབུས་གཙང་ཟློས་གར་ནས་གཞས་སྣ་གཟིགས་འབུལ་ཞུ་རྒྱུ།
༢༠༢༢ སྤྱི་ཟླ་ ༡༠ ཚེས་ ༠༡ ཉིན།
སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཁང་ནས། ཕྱི་ལོ་༢༠༢༢ ཟླ་ ༠༢ ཚེས་ ༡༥ ཉིན། །