སུད་སི་དང་ལེག་ཊིན་སེཊཡན་ས་གནས་དབུས་གཙང་ཆོལ་ཁ་ནས་ཞབས་རིམ་སྨིན་སྒྲུབ།

༄༅།། སྤྱི་ལོ་༢༠༢༥ཟླ་བ་༦ཚེས་༨རེས་གཟའ་ཉི་མ་ཉིན་རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང་ལེག་ཏེན་སིཊཡན་ས་གནས་དབུས་གཙང་ཆོས་ཁའི་ངོས་ནས་ཞབས་རིམ་སྨིན་སྒྲུབ་གོ་སྒྲིག་ཞོགས་པ་ཕྱག་ཚོད་དགུ་དང་ཕྱེད་ཀ་ནས་བཅིུས་བར་ཞུས་པ་ལྟར་སྐབས་དེར་ཡུ་རོབ་ཀྱི་སྤྱི་ཟུར་སྐུ་ངོ་རྣམ་པ་ཁག་གཅིག་དང་བོད་རིགས་མི་མང་ཚོགས་གཞོན་དེ་བཞིན་ཆོལ་ཁ་དང་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་འཐུས་མི་བཅས་མི་མང་གྲངས་ལྔ་བཅུ་ལྷག་ཙམ་བཅར་ཐུབ་པ་བྱུང་ཡོད།  སྔ་དྲོ་རི་ཀོན་ཆོས་འཁོར་དགོན་དུ་མཆོད་འབུལ་སྨོན་ལམ་གྲུབ་རྗེས་ས་གནས་དབུས་གཙང་མི་མང་ལ་ཉིན་རྒྱབ་ཚོུད་དང་པོ་དང་ཕྱེད་ཀ་ནས་ཕྱི་དྲོ་ལྔ་དང་ཕྱེད་ཀ་བར་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་ས་གནས་དབུས་གཙང་ཆོལ་ཁའི་ལོ་གཅིག་གི་རྩིས་ཁྲ་དང་།  ལོ་འཁོར་ལས་བསྡོམས་དེ་བཞིན་མ་འོངས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཐད་སྙན་སྒྲོན་དང་གྲོས་སྡུར་ལྷུག་པོ་བྱུང་བའི་བརྙན་དཔར་ཁག་གཤམ་གསལ་དུ།

ཕྱིར་ལོག