ས་གནས་དབུས་གཙང་ཆོལ་ཁའི་ལོ་རེ་མཆོད་འབུལ་སྨོན་ལམ་དང་རྒྱལ་བའི་ཞབས་རིམ་།

བསྟན་སྲིད་ཞབས་རིམ་ཆོས་བརྡ།

༄༅། །མཚུངས་མེད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ཚང་མས་དགོངས་མངའ་བཞིན། ཉེ་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་ཡིག་ཕེབས་དོན་ལྟར། རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་རྟག་བརྟན་གཡོ་བ་མེད་པར་བསྐལ་བརྒྱར་བཞུགས་པ། རླབས་ཆེན་གྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་འབངས་བདེ་ཐབས་སུ་དམིགས་ཏེ། ཚོགས་སྐྱིད་ཁག་དང་། སྒེར་སོ་སོ་ངོས་ནས་དགེ་བའི་ལས་ལ་འཇུག་པའི་མཆོད་འབུལ་སྨོན་ལམ་དང་འབྲེལ་བསངས་གསོལ། བོད་སྐྱོང་སྲུང་མའི་འཕྲིན་བསྐུལ།  གཞན་ཡང་སྲོག་བླུ་ཚེ་ཐར་དང་རླུང་རྟ་དར་འཛུགས།  ངན་སློང་ལ་སྦྱིན་གཏོང་གནང་སྐྱོང་ཡོང་བའི་དགེ་བསྐུལ་གནང་བ་བཞིན། འདི་ག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁ་ངོས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༠༡ རེས་གཟའ་ཉི་མའི་ཞོགས་པ་ཕྱག་ཚོད་  ༠༩:༣༠ ནས་ ༡༢:༠༠ བར་རི་ཀོན་ཆོས་འཁོར་དགོན་དུ་ཞབས་རིམ་སྨིན་སྒྲུབ་ཞུ་གཏན་འཁེལ་བ་ལགས་ན། དད་ལྡན་སེར་སྐྱ་མི་མང་གང་མང་མཉམ་ཞུགས་ཡོང་བའི་དགེ་བསྐུལ་ཞུ་རྒྱུ།  སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༢ ཉིན་ཕུལ།།

ཟླ་དུས་ཚེས་གྲངས།
ཕྱི་ལོ་ ༢༠༢༢ ཟླ་བ་ ༥ པའི་ཚེས་ ༡ རེས་གཟའ་ཉི་མ། ཞོགས་པ་ཆུ་ཚོད་ ༠༩།༣༠ ནས་ ༡༢།༠༠ བར།
ས་གནས། རི་ཀོན་ཆོས་འཁོར་དགོན།

ལོ་འཁོར་རྩིས་ཁྲ་སྙན་སྒྲོན་གསལ་བསྒྲགས།

རི་ཀོན་ཆོས་འཁོར་དགོན་དུ་མཆོད་འབུལ་སྨོན་ལམ་གྲུབ་པ་དང་ས་གནས་དབུས་གཙང་མི་མང་ལ་ཉིན་རྒྱབ་ཚོུད་(༡༤།༠༠) གཉིས་པའི་ཐོག་རི་ཀོན་བོད་རིགས་མི་མང་གི་སྤྱི་ཁང་ནང་ས་གནས་དབུས་གཙང་ཆོལ་ཁའི་རྩིས་ཁྲ་དང་། ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་མངའ་ཡོད་པ་ཞུ།

ཕྱིར་ལོག