ཛ་དྲག་གི་གསལ་བསྒྲགས།
༄༅། མཚུངས་མེད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙན་ལམ་དུ།
ཆེད་ཞུ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་གཙང་སྟོད་ཁུལ་དུ་འཇིགས་སུ་རུང་བའི་ས་ཡོམ་ཚབས་ཆེན་ཞིག་བརྒྱབ་ནས་རང་བྱུང་གོད་ཆགས་ཀྱི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད། དམིགས་གསལ་དིང་རི་རྫོང་གི་ས་ཁུལ་འགའ་ཞིག་ལ་བློ་ཡུལ་དུ་ཤོང་དཀའ་བའི་ཡིད་སྐྱོའི་གནས་སྟངས་འོག་མིའི་ཚེ་སྲོག་དུ་མ་ཤོར་བ་དང་རྨས་སྐྱོན་ཕོག་པ། སྒོ་ཕྱུགས་སེམས་ཅན་ཤི་བ། ཁང་ཁྱིམ་སྡོད་ཁང་དང་རྒྱུ་དངོས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པ་བཅས་བཟོད་པར་དཀའ་བའི་སྡུག་བསྔལ་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་འདི་ག་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁ་དང་དེའི་ཁྱབ་ཁོངས་སྐྱིད་སྡུག་ཁག་སྟེ། སུད་སི་སྟོད་པ་སྐྱིད་སྡུག སུད་སི་གནས་སྡོད་གཙང་པ་མཐུན་གྲོགས། སུད་སི་ཀོང་པོའི་རིག་གཞུང་སྐྱིད་སྡུག སུད་སི་མལ་གྲོ་གུང་དཀར་སྐྱིད་སྡུག སུད་སི་འཕན་པོ་སྐྱིད་སྡུག བཅས་ནས་མཉམ་རུབ་ཀྱིས་གོ་སྒྲིག་འོག་ས་གནས་རི་ཀོན་ཆོས་འཁོར་དགོན་དུ་ཚེ་འདས་རྣམས་ལ་བསྔོ་བ་སྨོན་ལམ་དང་རྨས་སྐྱོན་ཕོག་པ་རྣམས་གང་མྱུར་དྲག་བསྐྱེད་ཡོང་བ་བཅས་མཆོག་གསུམ་ལ་གསོལ་འདེབས་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་གོ་སྒྲིག་ཞུ་བཞིན་ཡོད་པས་རང་རིགས་སྤུན་ཟླ་རྣམས་གང་མང་མཉམ་བཞུགས་ཡོང་བའི་དགེ་བསྐུལ་ཞུ་རྒྱུ།
ས་གནས་དབུས་གཙང་ཆོལ་ཁ་དང་གོང་འཁོད་ཚོགས་པ་སྐྱིད་སྡུག་ཐུན་མོང་ནས།་ ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༠༩ ཉིན།
ཟླ་ཚེས། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༢ རེས་གཟའ་ཉི་མ།
དུས་ཚོད། ཆུ་ཚོད། ༡༣:༣༠ - ༡༧:༠༠ བར།
འཚོགས་ཡུལ། རི་ཀོན་ཆོས་འཁོར་དགོན།