བསྟན་སྲིད་ཞབས་རིམ་ཆོས་བརྡ།

༄༅།     མཚུངས་མེད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཡོངས་ཀྱི་སྙན་ལམ་དུ།  ཆེད་ཞུ།

ཚང་མས་དགོངས་མངའ་བཞིན། རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་འཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ ༧ སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་བར་ཆད་ཀྱི་གྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་རྟག་གཏན་གཡོ་བ་མེད་པར་བསྐལ་བརྒྱར་བཞུགས་པ། རླབས་ཆེན་གྱི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། དེ་བཞིན་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེེས་དཔའ་བོ་དཔའ་མོ་རྣམས་དང། ལྷག་པར་བོད་འབངས་བདེ་ཐབས་སུ་དམིགས་ཏེ་ཚོགས་སྐྱིད་ཁག་དང་སྒེར་སོ་སོའི་ངོས་ནས་དགེ་བའི་ལས་ལ་འཇུག་པའི་མཆོད་འབུལ་སྨོན་ལམ་བྱེད་དང་བྱེད་མུས་བཞིན། འདི་ག་སུད་སི་དང་ལེག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢ རེས་གཟའ་ཉི་མའི་ཉིན་རི་ཀོན་ཆོས་འཁོར་དགོན་དུ་ཞབས་རིམ་སྨིན་སྒྲུབ་ཞུ་གཏན་འཁེལ་བ་ལགས་ན། དད་ལྡན་སེར་སྐྱ་མི་མང་གང་མང་མཉམ་ཞུགས་ཡོང་བའི་དགེ་བསྐུལ་ཞུ་རྒྱུ།

འདི་ག་སྐབས་བཅུ་གཉིས་པའི་རྒྱུན་ལས་མཐུན་མོང་ནས། ཕྱི་ལོ་ ༢༠༢༤ ཟླ་ ༠༥ ཚེས་ ༠༢ ཉིན་དགེའོ།

 

ཟླ་ཚེས།         ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢  རེས་གཟའ་ཉི་མ།
དུས་ཚོད།        ཞོགས་པ་ཚོུད།  ༠༩:༣༠ - ༡༢:༠༠ བར།
འཚོགས་ཡུལ།  རི་ཀོན་ཆོས་འཁོར་དགོན།

ཕྱིར་ལོག