བོད་མི་མང་སྤྱི་འཐུས་སྐུ་ངོ་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་དང་སྐུ་ངོ་བསྟན་འཛིན་ཆོས་འཛིན་ལགས་སུ་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་དང་ཁྱབ་ཁོངས་སྐྱིད་སྡུག་ཁག་ཅིག་ནས་མཇལ་འཕྲད་ཞུས།

༄༅།  ། སྤྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༣ ཉིན་སུད་སི་དང་ལིག་ཏེན་སེཊཡན་སྐབས་བཅིུས་པའི་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཀྱི་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་སྐུ་ངོ་བློ་བཟང་རྒྱ་མཚོ་སྲི་ཐར་མཆོག་དང་སྤྱི་འཐུས་སྐུ་ངོ་བསྟན་འཛིན་ཆོས་འཛིན་མཆོག་གཉིས་ཡོ་རོབ་སུད་སི་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པར་དགའ་བསུའི་གསོལ་སྟོན་སྟབས་བདེ་ཞིག་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཀྱི་འཚམས་འདྲི་ཞུ་རྒྱུ་དང།

སྐབས་དེར་ས་གནས་སུ་ཡོད་པའི་སུད་སི་སྟོད་པ་སྐྱིད་སྡུག་གི་ཚོགས་གཙོ་བདེ་བཟང་ཚང་བདེ་ཆེན་རབ་གསལ་ལགས་དང་།  ཀོང་པོ་རིག་གཞུང་སྐྱིད་སྡུག་གི་ཚོགས་གཞོན་རྣམ་རྒྱལ་ལགས། གཙང་པ་མཐུན་གྲོགས་ཀྱི་ཚོགས་གཙོ་དང་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ངག་དབང་བསྟན་འཛིན་ལགས། དེ་བཞིན་མལ་གྲོ་གོང་དཀར་སྐྱིད་སྡུག་གི་ཚོགས་གཙོ་ཀ་རུ་ཤ་ཡེ་ཤེས་སྒྲོལ་མ་ལགས་བཅས་ཚང་མ་ངོ་བཅར་གནང་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞུ།

དུས་ཡུན་ཚོུད་འགའ་རེའི་ནང་འདས་པའི་ས་གནས་དབུས་གཙང་ཆོལ་ཁའི་གནས་ཚུལ་ཇི་བྱུང་ཁག་དང་གནས་སྟངས་དེ་བཞིན་སླད་མ་འོངས་པའི་དབུས་གཙང་གཞོན་སྐྱེས་ཚོགས་ཆེན་དང་འབྲེལ་བའི་སྐོར་ཕན་ཚུན་གླེང་མོལ་དང་ལམ་སྟོན་ཞུས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ངང་མཇུག་བསྒྲིལ་ཞུ་ཐུབ་པ་བྱུང་སོ།  ཚང་མར་ཐུགས་རྗེ་ཆེ་ཞུ།

ཕྱིར་ལོག