བཀུར་འོས་བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པར་འཚམས་འདྲིའི་འབུལ་ཡིག

༄། །དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པའི་ཚོགས་གཙོ་སྦེལ་པོས་དབུས་པའི་བཀུར་འོས་སྤྱི་འཐུས་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

ཆེད་གསོལ། དེ་ཡང་རང་ཅག་ཆོལ་གསུམ་བོད་རིགས་སྤུན་ཟླ་ཀུན་གྱི་འདི་ཕྱི་གཏན་གྱི་སྐྱབས་གནས་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་ཆེན་པོའི་ཐུགས་རྗེའི་བླང་དོར་ལམ་སྟོན་ཉིན་བྱེད་ཟེར་བརྒྱ་འཕྲོ་བའི་བཀའ་དྲིན་ལས། བོད་ཀྱི་བསྟན་སྲིད་ལ་གནོད་གཞིར་འགྱུར་བའི་ཉེ་སྔོན་སྤྱི་འཐུས་ནང་མ་གཤིན་པའི་དཀའ་རྙོག་གི་མུན་པ་མཐའ་དག་ཉེ་བར་ཞི་ནས། བཀུར་འོས་སྤྱི་འཐུས་རྣམས་ཀྱི་དམ་འབུལ་མཛད་སྒོའང་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་ནི། གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྙིང་ལ་དགའ་བས་ཁྱབ་ཅིང་། བོད་ལ་བློ་ཉེ་བའི་རྒྱལ་སྤྱིའེ་བོད་དོན་རྒྱབ་སྐྱོར་བ་རྣམས་པས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་སྤོབས་པ་སྦྱིན་ཡོད་པ་ནི་གོར་མ་ཆག་ལ། དེ་བསྟུན་བསྟན་དགྲ་རྒྱ་དམར་དང་དེའི་རྗེས་འབྲངས་སོ་རྨུལ་བ་དག་ལའང་བརྡ་ལན་ངེས་འདྲོངས་ཤིག་སྤྲོད་ཐུབ་ཡོད་པས། འདེ་ག་སུད་སི་དང་ལིག་ཏེ་སིཊཡན་གནས་སྡོད་དབུས་གཙང་པ་ཐུན་མོང་གིས་ལྷ་རེག་སྙན་དར་དཀར་པོས་སྔན་བསུས་ནས། བོད་མི་མང་སྐབས་བཅུ་བདུན་པའི་མཁྱེན་ལྡན་བཀུར་འོས་སྤྱི་འཐུས་རྣམ་པ་ཡོངས་ལ་འཚམས་འདྲིའེ་བཀྲ་ཤིས་བདེ་ལེགས་སྙིང་དབུས་ནས་ཞུ་རྒྱུའི་ཞོར་འཕྲོས་སུ། ཟླ་ཤས་རིང་གི་དོན་འབྲས་མེད་པའི་ནང་ཁུལ་ཙོད་རྙོག་དང་། བློ་རྒྱ་ཆུང་བས་གནད་དོན་རེ་བཟུང་ལ་དགོས་དོན་མེད་པར་མཁྲེགས་བཟུང་གནང་བའེ་རྐྱེན་གྱིས་བོད་མི་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་མང་པོར་བློ་ཕམ་སེམས་ཚབས་ཆེན་པོ་བཟོས་ཡོད་པ་དེ་དག་བསླབ་བྱར་བཟུང་ནས། མ་འོངས་དེ་ལྟར་མི་ཡོང་སླད་མཁྱེན་ལྡན་སྤྱི་འཐུས་རྣམ་པས་དགོངས་བཞེས་ཟབ་མོ་ཡོང་བའི་ཐུགས་སྣང་གཞེན་བསྐུལ་ཞུ་རྒྱུ། དེ་བཞིན་མང་གཙོའི་ཀ་བ་གསུམ་པོ་ལྗིད་སྙོམས་སྟངས་འཛིན་ཐུགས་མཐུན་ཁྲིམས་གཙང་དང་། ༧རྒྱལ་བའི་བཀའ་དགོངས་བཞིན་བོད་ཀྱི་བསྟན་སྲིད་ལ་སྨན་པའི་མཛད་འགན་མཐའ་དག་འགེགས་མེད་ལེགས་གྲུབ་ཀྱིས་བོད་དོན་བདེན་མཐའ་མུར་དུ་གསལ་ནས། མགོན་པོ་གང་ཉིད་བོད་ཀྱི་རྒྱལ་ས་ལྷ་སར་མི་རིང་བར་ཞབས་སོར་བདེ་བར་འཁོད་དེ། གཞིས་བྱེས་མཉམ་འཛོམས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་དགའ་མགུར་སྤྱོད་པའི་བསྐལ་བཟང་དགའ་སྟོན་གྱི་ཉིན་མོ་མུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། སུད་སི་དང་ལིག་ཏེན་སིཊཡན་སྐབས་བཅུ་གཅེག་པའི་དབུས་གཙང་དམ་པ་ཆོས་ཀྱི་ཚོལ་ཁའི་རྒྱུན་ལས་ཐུན་མོང་ནས་གུས་ཕྱག་དང་བཅས་ཕྱི་ལོ་ ༢༠༢༡ བླ་ ༡༠ ཚེས་ ༡༡ ཧིན་ཕུལ།།

ཕྱིར་ལོག