ཕྱི་ལོ་ ༢༠༢༦ ལོའི་བསྟན་སྲིད་ཞབས་རིམ༏
དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༧ པའི་གྲོས་ཆོད་ནང་འཁོད་ ‘‘ བོད་མི་ཡོངས་ཀྱི་༸མགོན་སྐྱབས་བླ་ན་མ་མཆིས་པའི་དབུ་འཁྲིད་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་༸སྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་། བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་ཡུན་རིང་བརྟན་པའི་སླད་ཞབས་རིམ་སྒྲུབ་དགོས་ ” གསལ་བ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢ རེས་གཟའ་སྤེན་པའི་ཉིན་མོར་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་མཆོད་འབུལ་སྨོན་ལམ་གོ་སྒྲི་ཞུས། དེའི་ཉིན་ཞོག་པ་ཆུ་ཚོད་ ༠༩།༣༠ སྟེང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་ཞལ་གྲངས་ལྔ་དང་། སྤྱི་ཟུར་རྣམ་པ་བཞི། ཡུལ་མི་དང་ཕྱི་རྒྱལ་དད་ལྡན་པ། ས་གནས་བོད་རིགས་བཅས་བསྡོམས་ལྔ་བཅུ་ཙམ་གྱིས་མཉམ་ཞུགས་གནང་།
གསོལ་ཇའི་བར་སེང་སྐབས་རི་ཀོན་དགོན་པའི་མཁན་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་སློབ་སྙིང་བསྡུས་ཤིག་དང་། དེ་ཉིན་གྱི་སྦྱིན་བདག་དང་། ཞལ་འདེབས་འབུལ་མི་ཡོངས་ཀྱི་ཆེད་ཐུགས་སྨོན་གནང་། དེ་ནས་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ཕི་ར་བ་བཀྲ་ཤིས་ལགས་ཀྱིས་མཆོད་འབུལ་དུ་ཕེབས་མི་ཡོངས་ལ་འཚམས་འདྲི་དང་། ཕྱི་རྒྱལ་བ་ཁག་ཅིག་ལ་ཡུལ་སྐད་ཐོག་ཚོགས་པའི་ངོ་སྤྲོད་དང་འབྲེལ་ཁོང་རྣམ་པས་མི་མང་གཞན་ལྟར་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུས། ཞབས་རིམ་མུ་མཐུད་སྒྲུབ་མཐར་ཆུ་ཚོད་ ༡༡།༤༥ ཐོག་མི་མང་ལ་དགུང་ཚིགས་དཀར་ཟས་སྟབས་བདེ་ཞིག་གོ་སྒྲིག་ཞུས།