གྲོང་ཁྱེར་ཝིན་ཊར་ཐུར་ནང་བོད་པའི་ཞལ་ལག་མོག་མོག་ཚོང་གཉེར་བྱས་པ།

༄། ། སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་དཔལ་འབྱོར་འདུ་འགོད་ཆེད། འདི་ལོའི་ ༢༠༢༢ སྤྱི་ཟླ་ ༠༦ ཚེས་ ༢༤ ནས་༢༦ བར་ཉིན་གསུམ་རིང་ (Winterthur Albanifest) གྲོང་ཁྱེར་ཝིན་ཊར་ཐུར་ནང་བོད་པའི་དམིགས་གསལ་ཞལ་ལག་མོག་མོག་ཚོང་གཉེར་བྱས་པར་ཐོག་མའི་དམིགས་ཚད་ལས་ཚོང་ལེགས་པ་བྱུང་བ་དང་། དེ་ཡང་གཙོ་བོ་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ་གཉིས་ཀྱིས་གཙོས་རྒྱུན་ལས་ཚང་མས་འཕྱར་བ་གྲུ་འདེགས་གནང་བ་དང་། ལྷག་པར་དུ་དྭང་བླངས་གིས་ཕྱག་རོགས་གནང་མཁན་ཧ་ཅང་མང་པོ་ཕེབས་འདུག་པར། ཕྱག་རོགས་གནང་མཁན་འབྲེལ་ཡོད་ཐམས་ཅད་ལ་སྙིང་དབུས་ནས་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་དེ་བཞིན་ལས་དོན་གང་སྤེལ་ལ་མུ་འཐུད་མཐུན་འགྱུར་རྒྱབ་སྐྱོར་གང་ལེགས་ཡོང་བའི་རེ་འདུན་བཅས།
སུད་སི་དང་ལིན་ཏེན་སི་ཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཁང་ནས།

ཕྱིར་ལོག